
དེ་བཞིན་དུ་ སྤྱི་ལོ་༢༠༡༨ ལོར་ཡང་། སྔར་བས་གྲ་རྒྱས་ཤིང་གཞི་རྒྱ་ཆེ་བའི་ཀུན་མཁྱེན་འབྲུག་པའི་ཆོས་རའི་བགྲོ་གླེང་ཐེངས་གསུམ་པ་དེ་ ལས་ཚོགས་སློབ་དཔོན་སངས་རྒྱས་རྡོ་རྗེས་ ལས་རིམ་འགོ་འཛུགས་ཀྱི་རྟེན་འབྲེལ་གསུང་བཤད་དང་བཅས་ ཕུན་ཚོགས་གླིང་བཀྲ་ཤིས་ཆོས་གླིང་ བཤད་གྲྭ་ན་ བགྲོ་གླེང་པ་༣༠༠ ལྷག་ཙམ་བསྡུས་ནས་ཉིན་གྲངས་ལྔའི་རིང་ འཚོགས་གནང་ཡོད།